ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་ཨ་རིའི་ན་གཞོན་ཚོང་ལས་འགོ་ཁྲིད་ཚོར་བཀའ་སློབ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཟླ་བའི་ཉིན་ཀེལ་ཕོར་ནི་ཡ་མངའ་སྡེའི་ལོང་བྷིཇ་ཞེས་པའི་གྲོང་ཁྱེར་ལ་ཆིབས་སྒྱུར་མཛད་དེ་ས་གནས་དེར་ཡོད་པའི་ཨ་རིའི་ཚོང་ལས་སྡེ་ཚན་གྱི་མི་སྣ་ཚོར་བཀའ་སློབ་གནང་བ་སོགས་མཛད་འཕྲད་འཛིན་བསྐྱངས་འདུག་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཚོང་ལས་གཙོ་འཛིན་ན་གཞོན་ཞེས་པའི་སྒྲིག་འཛུགས་ཀྱི་ཚོགས་མི་ཚོར་བཀའ་སློབ་གནང་འདུག་པ་དང་། སྒྲིག་འཛུགས་དེ་ནི་ཨ་རིའི་ནང་ཚོང་ལས་སྡེ་ཚན་གྱི་འགན་འཛིན་ཁོངས་ནས་འགོ་ཁྲིད་ན་གཞོན་ཚོའི་ཚོགས་པ་ཞིག་ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བྱམས་བརྩེ་ཞེས་པ་དེ་ཆོས་ལུགས་ནས་ཡོང་བ་ཞིག་མིན་པ་དང་། དེ་ཡང་ཚན་རིག་པ་ཚོས་ངོས་ལེན་བྱས་པ་བཞིན་འགྲོ་བ་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཞིག་ཡིན་པ་དང་། དེར་བརྟེན་འགྲོ་བ་མིར་རྣམ་དཔྱོད་ཁྱད་འཕགས་ཅན་ཞིག་ཡོད་པ་དེ་བེད་སྤྱོད་ཚུལ་བཞིན་བྱེད་ཐུབ་ན་བྱམས་བརྩེའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པའི་རེ་བ་ཡོད། བློ་ཕམ་པ་ཞིག་ལ་དེང་སང་གི་ཤེས་ཡོན་ལམ་ལུགས་དེ་ཕྱི་དངོས་པོར་དམིགས་ཚད་བཟུང་ནས་ནང་སེམས་ཀྱི་བདེ་སྐྱིད་ལ་བསམ་བློ་གཏོང་གི་མེད་ཅེས་གསུངས་འདུག

XS
SM
MD
LG