ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བཀའ་ཤག་སྐབས་༡༥་པས་དམ་འབུལ་ལས་ཁུར་བཞེས་ནས་ལོ་གཅིག་འཁོར་པའི་དྲན་གསོ།


ཕྱི་ལོ་༢༠༡༧་ལོའི་ཟླ་༦་པའི་ཚེས་༢་ཉིན་མོར་བཞུགས་སྒར་དུ་བཀའ་ཤག་སྐབས་༡༥་པས་དམ་འབུལ་ལས་ཁུར་བཞེས་ནས་ལོ་གཅིག་འཁོར་པའི་དུས་དྲན་དང་བསྟུན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་འདས་པའི་ལོ་གཅིག་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བཞི་གཙོས་༢༠༠༩་ནས་བཟུང་སྟེ་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ཀྱི་མྱ་ངན་ཞུས་པའི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་ཡོད་ཅིང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཆོད་འབུལ་ནི་གཞིས་བཞུགས་བོད་མིའི་དཀའ་སྡུག་གང་མྱུར་སེལ་རྒྱུ་དང་བོད་དོན་བདེན་མཐའ་སེལ་རྒྱུའི་སྨོན་ལམ་དང་། བོད་ནང་གི་བོད་མི་ཚོ་སྐུ་ངལ་དང་བློས་གཏོང་ཁག་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་པ་གསུངས་ཡོད་པའི་སྐོར། བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG