ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་སྲིད་འཛིན་གྱི་བུ་མོའི་ལྷམ་མགོའི་བཟོ་གྲྭ་དང་རྒྱ་ནག


ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་དང་ཕོ་བྲང་དཀར་པོའི་སློབ་སྟོན་པ་གཅིག་ལྕོགས། ཨི་ཝྭན་ཁ་ཊོམ་གྱིས་རྒྱ་ནག་གི་བཟོ་གྲྭ་གཉིས་ལ་ལྷམ་མགོ་བཟོ་སྐྲུན་བྱེད་དུ་བཅུག་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་ཅིང་། ཨི་ཝྭན་ཁའི་ལྷམ་མགོ་བཟོ་གྲྭ་རྒྱ་ནག་གི་ཅང་ཤི་ཞིང་ཆེན་གྱི་གན་ཀྲུག་གྲོང་ཁྱེར་དང་ཏུང་གྭོན་གྲོང་ཁྱེར་གཉིས་སུ་ཚུགས་ཡོད། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ལྷམ་མགོ་བཟོ་གྲྭ་དེར་ལྟ་སྐོར་དུ་ཁྲིད་ནས་བཟོ་གྲྭ་དེའི་ལས་དཔོན་ཞིག་ལ་བཅར་འདྲི་བྱེད་དུ་བཅུག་སྟེ། བཟོ་གྲྭའི་ལས་དཔོན་དེས་ཨི་ཝྭན་ཁ་རང་གི་བཟོ་བ་ཚོར་ལྟ་རྟོག་བཟང་པོ་བྱེད་མཁན་ལས་བདག་ཧ་ཅང་ཡག་པོ་ཞིག་རེད། ཁོ་མོས་བཟོ་བ་ཞིག་ལ་བདུན་ཕྲག་རེར་ཨ་སྒོར་༦༠་རེ་གྲངས་གླ་ཕོགས་སྤྲོད་ཀྱིན་འདུག ཨི་ཝྭ་ཁའི་ལས་རྟགས་བརྒྱབ་པའི་ལྷམ་མགོ་དང་གྱོན་ཆས་རྣམས་རྒྱལ་སྤྱིའི་ཐོག་ཏུ་མངགས་ཉོ་བྱེད་མཁན་མང་ཡོང་གི་འདུག་ཅེས་གསར་འགོད་པར་ལན་འདེབས་བྱས་པ་ཡོད། དེ་ནས་རྒྱ་ནག་གི་ངལ་རྩོལ་པའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ལྐོག་ཏུ་མི་གསུམ་བཏང་སྟེ། ཁོ་ཚོར་ཨི་ཝྭན་ཁ་ཊོམ་གྱི་ལྷམ་མགོ་བཟོ་གྲྭར་བཟོ་བའི་གནས་སྟངས་ལ་ཞིབ་འཇུག་བྱེད་དུ་བཏང་རུང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པ་ནས་རྒྱ་ནག་གཞུང་གིས་བཟོ་བའི་ཐོབ་ཐང་དོན་གཉེར་ཧྭ་ཧེ་ཧྥེང་བཀག་ཉར་བྱས་ནས་མཐོང་རིག་མེད་པར་གྱུར་པ་དང་། ད་ལྟ་ཁོང་གི་རོགས་པ་གཉིས་ཀྱང་གར་སོང་ཆ་མེད་པར་གྱུར་ཡོད་པས། རྒྱ་ནག་གི་བཟོ་བའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རང་གི་ལས་མི་གཞན་པ་གཉིས་ཀྱང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG