ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ལན་གྱི་རྒྱལ་ས་བྷན་ཁོཀ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་དགོན་པ་ཧ་ཅང་ཆེན་པོ་ཞིག་ཡོད་པ་དང་། དགོན་པ་དེ་གུང་གྲངས་༧༣་ལ་ཕེབས་པའི་བཙུན་པ་དྷ་མ་ཀ་ཡོས་ཕྱག་བཏབ་སྟེ། དེང་སྐབས་ཐེ་ལན་གྱི་ནང་པའི་དགོན་པ་ཆེ་ཤོས་དེར་གྱུར་ཡོད། དྷ་མ་ཀ་ཡོ་དགོན་པ་ནི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ལས་ལྡབ་བཅུ་རྒྱ་ཆེ་བ་ཡོད་ཅིང་། བཙུན་པ་དྷ་མ་ཀོ་ཡོར་རྗེས་འཇུག་པ་ས་ཡ་གསུམ་ལྷག་ཡོད་པ་རྣམས་སྒོམ་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་ཅེས་བླ་མ་དེ་བས་སྤོབས་ཉམས་སྟོན་གྱི་ཡོད་མོད། ཡིན་ནའང་ཁ་སྔོན་ཕྱི་ཟླ་༣་ནང་ཐེ་ལན་གཞུང་གིས་ས་གནས་དངུལ་ཁང་ཞིག་ནས་ཨ་སྒོར་ས་ཡ་མང་པོ་རྐུ་འཁྱེར་བྱས་སོང་། དངུལ་སྒོར་དེ་རྣམས་དྷ་མ་ཀ་ཡོ་དགོན་པའི་བཙུན་པ་དེར་ཕུལ་འདུག བཙུན་པ་དྷ་མ་ཀ་ཡོས་རང་ལ་ཕུལ་བའི་དངུལ་སྒོར་རྣམས་བརྐུས་དངུལ་ཡིན་པ་མཁྱེན་བཞིན་དུ་བཞེས་ཡོད་པ་དང་། དེར་བརྟེན་ཐེ་ལན་གཞུང་གིས་བཙུན་པ་དྷ་མ་ཀ་ཡོ་འཛིན་བཟུང་བྱ་དགོས་པའི་ཞེས་བཀའ་རྒྱ་བཏང་བ་ཡིན་ཞེས་བཤད་ཀྱང་འདས་པའི་ཟླ་བ་རེ་ཟུང་ནས་བཙུན་པ་དྷ་མ་ཀ་ཡོ་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མེད་པ་དང་། བཙུན་པ་དེའི་རྗེས་འཇུག་པ་ཚོས་བླ་མ་དྷ་མ་ཀ་ཡོས་ཁྲིམས་འགལ་གང་ཡང་བྱས་མེད་ཅེས་རྩོད་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG