ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀར་ན་ཊ་ཀ་མངའ་སྡེས་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་ད་རིང་བྷེང་ལོར་གྲོང་ཁྱེར་དུ་ཞབས་སོར་བཀོད་གནང་མཛད་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གསུངས་དོན་ལ་ སང་ཉིན་རེས་གཟའ་མིག་དམར་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཌོག་ཊར་ཨམ་བྷེཌ་ཀར་འཁྲུངས་ནང་ལོ་ ༡༢༥ འཁོར་བའི་དུས་དྲན་མཛད་སྒོར་བཀའ་སློབ་གནང་རྒྱུ་ཡིན་པ་དང་། དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གཞུང་འབྲེལ་མི་སྣ་དང་མང་ཚོགས་ཉིས་ཁྲི་ལྷམ་འཛོམས་རྒྱུའི་ཚོད་དཔག་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG