ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་བཟའ་ཟླའི་འགོག་རྒོལ།


རྒྱ་ནག་ནང་གི་གཞུང་གི་འཛིན་བཟུང་འོག་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཐད་ཀྱི་ཁྲིམས་རྩོད་པ་ཚོའི་བཟའ་ཟླའི་འགོག་རྒོལ་འཐབ་རྩོད་ཟེར་བའི་ནེའུ་ཡོག་དུས་བབ་ཚགས་ཤོག་ཐོག་སྤེལ་བའི་རྩོམ་ཡིག་ཞིག་ནང་ རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པ་བཟའ་ཟླ་ཚོས་རང་གི་བཟའ་ཟླར་འཛིན་བཟུང་བཙོན་བཅུག་དང་ཉེས་བརྡུང་བཏང་བའི་གནས་ཚུལ་སོགས་མ་བྱུང་བའི་བར་དུ་གཞུང་གི་བདེ་འཇག་ཉེན་རྟོགས་པར་ཡིད་ཆེས་ལས་ལོག་སེམས་བཅངས་མྱོང་མེད་པ་དང་རང་ཉིད་ལ་བདེ་འཇག་མི་སྣའི་རྗེས་འདེད་དང་བསུན་གཙེར།རང་དབང་མེད་པའི་དཀའ་ངལ་ཞིག་མ་འཕྲད་པའི་བར་དུ་ཕྱི་རྒྱལ་ལ་སྐྱབས་བཅོལ་གྱི་ལམ་དུ་འགྲོ་རྒྱུའི་རྨི་ལམ་ཙམ་ཡང་བཏང་མྱོང་མེད་པ་སོགས་འགྲེལ་བརྗོད་བྱས་ཡོད།

XS
SM
MD
LG