ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཌོ་ནོལ་ཁྲ་རམ་གྱི་ལས་སྣེ་ཚོ་དང་ཨུ་རུ་སུའི་གཞུང་འབྲེལ་བ་ཐེངས་༡༨་བྱུང་བ།


༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ཌོ་ནོལ་ཁྲ་རམ་་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱིས་འགྲན་བསྡུར་བྱས་ཏེ། མཐར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནོལ་ཁྲ་རམ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཅིང་། ཌོ་ནལ་ཊོམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་སྲིད་དོན་པ་མིན་པའི་ཚོང་པ་འབྱོར་ལྡན་པ་ཞིག་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཐེངས་དང་པོ་ཡིན་རུང་། ཁོང་གི་རྒྱལ་ཁ་དེ་རྩོད་གླེང་མེད་པ་ཞིག་མིན་པ་དང་། ལྷག་པར་དུ་ཨ་མི་རི་ཀ་བ་ཚོར་༢༠༡༦་གི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་སོང་། ཨུ་རུ་སུ་དང་ཌོ་ནོལ་ཁྲ་རམ་གྱི་འོས་འདེམས་ལས་འགུལ་རུ་ཁག་གཉིས་ཁ་མཐུན་བྱས་ཡོད་པའི་ལྟ་ཚུལ་ཤུགས་ཆེན་ཡོད་པ་སྟེ། དཔེར་ན་ཌོ་ནོལ་ཁྲ་རམ་གྱི་འོས་འདེམས་ལས་འགུལ་སྐབས་ཀྱི་ལས་སྣེ་ཁག་ཅིག་གིས་ཨུ་རུ་སུར་ལྐོག་འབྲེལ་བྱས་ཏེ། ཁོ་ཚོས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་གྱི་སྐྱོན་མཚང་སྔོག་པ་དང་། ད་དུང་ཧི་ལ་རི་ཁེ་ལིན་ཊོན་གྱི་གློག་འཕྲིན་ཁག་ཅིག་དྲ་ལམ་དུ་འགྲེམ་སྤེལ་བྱས་པར་བརྟེན། ཨ་མི་རི་ཀའི་མི་དམངས་རྣམས་ཧི་ལ་རི་ཁེ་ལིན་ཊོན་ལ་ཡིད་ཆེས་བརླགས་ནས་སྲིད་འཛིན་འོས་འདེམས་ཉིན་ཕམ་ཉེས་བྱུང་ཡོད། ད་ལྟ་གསར་དུ་ཤེས་རྟོགས་བྱུང་བར་གཞིགས་ན་༢༠༡༦་གི་ལོ་མཇུག་ཟླ་བ་༧་གྱི་རིང་དེར་ཌོ་ནོལ་ཁྲ་རམ་གྱི་འོས་འདེམས་ལས་འགུལ་རུ་ཁག་གི་སྣེ་ཚོ་དང་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོ་འབྲེལ་བ་ཐེངས་༡༨་བྱུང་ཡོད་པ་རེད།།

XS
SM
MD
LG