ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་པའི་ལོ་གསུམ་ཙམ་གྱི་རིང་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིས་ཕྱི་འབྲེལ་སྲིད་བྱུས་ཐོག་བློ་ཁོག་ཆེ་བའི་ཐག་གཅོད་མང་པོ་གནང་ཡོད་པ་དང་། དེའི་ཁོང་ནས་གསར་ཤོས་དེ་ནི་གཟའ་འཁོར་རྗེས་མར་རྒྱ་ནག་ནང་འཚོགས་རྒྱུའི་རྒྱུད་གཅིག་དང་ལམ་གཅིག་ཟེར་བའི་ཚོང་ལམ་སྐོར་ལ་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་བ་དེ་ཡིན་པ་མ་ཟད། ད་རིང་ཤྲི་ལང་ཀར་ཕེབས་ནས་ཡུལ་དེའི་དབུ་ཁྲིད་ཀྱི་ལྷན་དུ་རྒྱ་གར་རྒྱ་མཚོའི་ནང་རྒྱ་ནག་གིས་དབང་ཤུགས་སླེབས་ཐབས་བྱེད་ཀྱི་ཡོད་པའི་སྐོར་ལ་་བཀའ་བསྡུར་གནང་གི་ཡོད་པ་རེད།

XS
SM
MD
LG