ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པས་བྱང་ཀོ་རི་ཡར་ཕེབས་རྒྱུའི་འདུན་ཡོད་སྐོར་གསུངས་པ།


ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་མུན་ཇའི་ཨིན་གྱིས་སྲིད་འཛིན་གྱིས་ལས་འཁུར་བཟུང་མ་ཐག་ལས་དོན་དང་པོ་དེ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་ལ་ཕྱག་ལས་གནང་འཆར་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་ཨ་རི་དང་རྒྱ་ནག་ལ་འཁོན་འཛིན་ཆགས་པ་དེ་ཞོད་འཇགས་ཐུབ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་འདུག སྲིད་འཛིན་གསར་པ་མུན་ཇའི་ཨིན་གྱིས་བྱང་ཀོ་རི་ཡར་བློ་ཐག་ཉེ་རུ་གཏོང་རྒྱུའི་བསམ་བློ་དེས་ཨ་རི་དང་མ་མཐུན་པའི་འགལ་བ་བཟོ་ཉེན་ཡོད་པ་དང་། རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་གནང་བའི་ནང་སྲིད་འཛིན་གསར་པ་མུན་ཇའི་ཨིན་གྱིས་ བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་ལས་འཆར་རྒྱ་བསྐྱེད་གཏོང་བཞིན་པར་དངངས་ཚབ་ཡོད་པར་ལྟོས་མེད་ཀྱིས་ཀོ་རི་ཡ་ཕྱེད་གླིང་ནང་ཞི་བདེ་ཡོང་ཐབས་ལ་འབད་བརྩོན་གནང་གི་ཡིན་ཞེས་གསུངས་འདུག

XS
SM
MD
LG