ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་དང་སྲིད་སྐྱོང་མཆོག་ནས་ཕ་རན་སིའི་སྲིད་འཛིན་གསར་པར་འཚམས་འདྲི།


བོད་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕ་རན་སིའི་སྲིད་འཛིན་གསར་པ་ཨེ་མེ་ནུ་ཨལ་མེ་ཀེ་རོན་མཆོག་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྔ་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱལ་ས་པེ་རི་སིར་མཇལ་འཕྲད་བྱུང་བ་དང་ སྐབས་དེར་དགོངས་ཚུལ་གསུངས་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་པ་དང་། མགོན་པོ་གང་ཉིད་རྒྱུན་དུ་ནས་ཡུ་རོབ་མཉམ་འབྲེལ་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་མཁན་ཞིག་ཡིན་ཞེས་སོགས་བཀའ་སྩལ་ཡོད་པ་རེད་ དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG