ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྲིད་སྐྱོང་མཆོག་གིས་ནེའུ་ཛེ་ལཎ་ཌི་ཡི་གཙུག་ལག་སློབ་གྲྭར་གསུང་བཤད་གནང་བ།


བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་ནེའུ་ཛེ་ལན་ཌིར་ལས་དོན་འཚམས་གཟིགས་གནང་བཞིན་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མི་ཁག་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་བ་མ་ཟད། ཡུལ་དེའི་གཙུག་ལག་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་དང་དགེ་ལས་རྣམས་ལ་བོད་ཀྱི་གནས་སྟངས་སྐོར་གསུང་བཤད་གནང་སྟེ་བོད་དོན་ཐོག་ རྒྱབ་སྐྱོར་ཡོང་ཐབས་གནང་བ་སོགས་ཀྱི་སྐོར་མངའ་ཁུལ་སྐུ་ཚབ་དོན་གཅོད་ལྷག་པ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG