ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་བྱང་ཀོ་རི་ཡ་འཁྲུག་རྩོད་ལ་གཡོལ་དགོས།


ཨ་མི་རི་ཀས་རྒྱ་ནག་ལ་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱ་ནག་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་ཐུབ་པའི་ནུས་པ་ཡོད་ཅེས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་རྩོད་གཞི་ལ་འབྲེལ་བ་ཡོད་པའི་ཤོག་ཁག་ཚང་མ་ཞི་འཇམ་དུ་གནས་དགོས་པ་དང་། ཁོ་ཚོས་ཕན་ཚུན་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས་པ་དང་། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་གི་ཛ་དྲག་ཆུང་དུ་བཏང་ནས་གྲོས་མོལ་གྱི་ལམ་ལ་ཕྱིར་ལོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG