ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དབུ་མའི་ལམ་གྱི་སྲིད་བྱུས་ལ་ནིའུ་ཛི་ལེན་ཌིའི་གཞུང་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་གནང་ཡོད་པ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ ད་ལྟ་བོད་མིའི་ཕྱོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་བྱེད་བཞིན་པ་འདི་ལ་ ནིའུ་ཛི་ལེན་ཌིའི་གཞུང་མི་དམངས་གཉིས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་གནང་ཡོད་འདུག དེ་ཡང་ སྲིད་སྐྱོང་མཆོག་ཨོ་སི་ཊེ་ལི་ཡེའི་ནང་ ཉིན་གཉིས་ཀྱི་རིང་མཛད་དོན་སྐྱང་སྒོ་ཁག་ལེགས་པར་གྲུབ་པའི་རྗེས་ ཕྱི་ཟླ་བཞི་པའི་ཚེས་༣༠བཅུའི་ཉིན་ ནིའུ་ཛི་ལེན་ཌིར་ཕེབས་འབྱོར་གནང་ཡོད་པ་དེ་ནི་ སྲིད་སྐྱོང་མཆོག་ཡུལ་དེར་འཚམས་གཟིགས་ལ་ཕེབས་པ་ཐོག་མ་དེ་ཡང་ཡིན་ཞིང་ དེའི་ཕྱི་ཉིན་ ཟླ་བ་ལྔ་པའི་ཚེས་༡ གི་ཉིན་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ ཁུལ་དེར་གནས་འཁོད་བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༢༥༠ སྐོར་ཙམ་ཞིག་ལ་གསུང་བཤད་གནང་ཡོད་པ་དེ་སྐབས་ གོང་གི་འབོད་བསྐུལ་དེ་གནང་ཡོད་འདུག

XS
SM
MD
LG