ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

བྱང་ཀོ་རི་ཡས་སླར་ཡང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་སྲིད་པའི་བརྡ་བཏང་བ།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་རྒྱལ་ཁབ་དེའི་འཕེན་ཕོག་འཕུར་མདེལ་རྣམས་མེད་པར་གཏོང་བར་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་ཆེན་པོ་ཞིག་རྒྱག་དགོས་ཐུག་སྲིད། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་གིས་བྱང་ཀོ་རི་ཡར་འགོག་རྒོལ་བྱེད་པར་མཉམ་འབྲེལ་དམག་སྦྱོང་བྱ་དགོས་ཞེས་བཤད་ཡོད་ཅིང་། ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཁརླ་ཝྭིན་སིན་དང་མཚོ་དམག་གི་དཔུང་སྡེ་ཞིག་ལྷོ་ཀོ་རི་ཡར་བཏང་སྟེ། གཟའ་མཇུག་དེར་རྒྱ་ནག་གིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པའི་ཉེན་ཀ་འདུག་ཅེས་བཤད་འདུག དེ་རིང་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀས་དམག་གི་དཔུང་སྟོབས་དང་དཔལ་འབྱོར་བཀག་སྡོམ། རྒྱལ་སྤྱིའི་གནོན་ཤུགས་བཅས་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད། དེར་བརྟེན་ཨ་མི་རི་ཀའི་ཚུར་རྒོལ་འགོག་པར་བྱང་ཀོ་རི་ཡས་མགྱོགས་ནས་མྱུར་དུ་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གྱི་སྟོབས་ཤུགས་ཡར་རྒྱས་གཏོང་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཡར་རྒྱས་གཏོང་བར་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་ཚོད་ལྟ་གང་མང་ཞིག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།།

XS
SM
MD
LG