ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་རྒྱ་ནག་གི་ཚོང་དོན་དང་ཕྱི་འབྲེལ་གྱི་སྲིད་བྱུས་ཕན་ཚུན་གཉིས་ཕན་དགོས།


ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་ ཨ་མི་རི་ཀའི་གཞུང་དང་ རྒྱ་ནག་གཞུང་བཅས་གཉིས་ཀར་ཡུལ་གྲུ་གཉིས་ཀྱི་ཚོང་དོན་དང་ཕྱི་འབྲེལ་གྱི་འབྲེལ་བའི་ནང་ ཕན་ཚུན་གཉིས་ཕན་གྱི་སྲིད་བྱུས་དང་བྱ་སྤྱོད་ལག་བསྟར་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད་ཅིང་ དེ་ཡང་ ཨ་མི་རི་ཀའི་མངའ་སྡེ་ཨཱ་ལཱ་སི་ཀཱ་ནས་ཡིན་པའི་སྤྱི་མཐུན་ཚོགས་ཁོངས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌཱེན་ སཱ་ལི་ཝན་གྱིས་ རྒྱ་ནག་གིས་ཨ་མི་རི་ཀ་དང་ཚོང་འབྲེལ་བྱེད་ཕྱོགས་དྲང་པོ་མེད་པའི་རྐྱེན་གྱིས་ཨ་མི་རི་ཀར་ཕྲལ་ཕུག་གཉིས་ཀར་གྱོང་གུན་ཆེན་པོ་ཕོག་རྒྱུའི་ཉེན་ཁ་ཡོད་པ་མ་ཟད་ ཕྱི་འབྲེལ་གྱི་འབྲེལ་བའི་ནང་ལའང་ རྒྱ་ནག་གིས་དེ་མཚུངས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ གནས་སྟངས་དེ་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་པ་ཡིན་ཞེས་གསུངས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG