ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བཙན་བྱོལ་བོད་མིས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།


སྤྱི་ཚེས་༢༥ཉིན་རྒྱ་གར་གྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཕལ་ཆེ་བའི་ནང་ ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུངས་གྲངས་༢༨ལ་ཕེབས་པའི་ སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པའི་སྐོར་དང་། དམིགས་བསལ་ར་ཤི་ཡའི་རྒྱལ་ས་ དང་ཉི་ཧོང་ནང་ལས་དོན་ཕྱོགས་སྐྱོད་དུ་ཕེབས་པའི་བོད་མི་མང་གི་སྤྱི་འཐུས་གསུམ་གྱིས་ཀུན་གཟིགས་པཎ་ཆེན་རིང་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་ སྤྲོད་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར་གྱི་གནས་ཚུལ་དེ་གསན་རོགས་གནང་།

འཛམ་གླིང་ས་ཕྱོགས་གང་སར་ཕྱི་ཟླ་༤པའི་ཚེས་༢༥ཉིན་མོ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་པ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ས་གནས་བེུད་ཚོགས་པ་དང་གཞོན་ནུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་འཁྲུངས་སྐར་ལ་སྲུང་བརྩིའི་ལས་འགུལ་སྤེལ་བ་མ་ཟད་པཎ་ཆེན་གསོལ་འདེབས་ཀྱི་ཞབས་རིམ་ཞིག་ཀྱང་གྲུབ་ཡོད་པ་རེད།

XS
SM
MD
LG