ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དགའ་ལྡན་ཁྲི་པའི་སྐུ་གདུང་ཞུགས་འབུལ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་བསྐྱེད་ཀྱི་སྒོ་ནས་སྦྱིན་བསྲེགས་གནང་འདུག


(Photo Sera Jey Monastery)
(Photo Sera Jey Monastery)

རེས་གཟའ་ལྷག་པའི་ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་ཆོ་ག་ཡོངས་སུ་ལེགས་པར་གྲུབ་འདུག་པ་དང་། སང་ཉིན་ནས་སྐུ་རུས་ཀྱི་རུས་ཆོག་ཞུ་སྒོ་ཁག་གནང་རྗེས་སྐུ་གདུང་མཆོད་རྟེན་བཞེངས་དགོས་མིན་སོགས་ཁྲི་རིན་པོ་ཆེའི་བླ་བྲང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་དགེ་ལྡན་པའི་བླ་ཆེན་རྣམས་ལ་དགོངས་སྐོར་བཀའ་སློབ་ཞུས་ནས་ཐག་གཅོད་གནང་རྒྱུ་རེད་འདུག དེ་ཡང་དགའ་ལྡན་ཁྲི་ཐོག་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེས་གསུངས་དོན་ལ་ སྐུ་གདུང་ཞུགས་འབུལ་གྱི་ཆོ་གའི་དབུ་བཞུགས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེས་གནང་ཡོད་པ་དང་། དཔལ་ལྡན་བརྒྱུད་སྟོད་གྲ་ཚང་གི་དགེ་འདུན་པ་མཆོག་གྲ་རྣམས་ཆེད་དུ་ཕེབས་ནས་འཇིགས་བྱེད་ལྷ་བཅུ་གསུམ་པའི་བདག་སྐྱེད་ཀྱི་སྒོ་ནས་སྦྱིན་བསྲེགས་གནང་བ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG