ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་མཆོག་གི་འཐུས་མི་ཚོགས་པ་གཏོར་དགོས་པའི་བཀའ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མདོ་སྨད་ཨ་མཆོག་ས་གནས་སུ་སྔར་ལོ་གཏེར་ཁ་སྔོག་འདོན་བྱས་པར་བཀག་འགོག་གི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐབས་སྣེ་ཁྲིད་མཁན་ཨ་མཆོག་དམངས་ཁྲོད་འཐུས་མི་ཚོགས་པས་རྗེས་ལ་ཞུ་གཏུགས་རིམ་པ་བྱས་པ་བརྒྱུད་གཏེར་ཁ་བསྔོག་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་ཀྱང་རྫོང་སྲིད་གཞུང་གི་བཀའ་རྒྱ་བཏང་སྟེ་ཨ་མཆོག་དམངས་ཁྲོད་ཀྱི་འཐུས་མི་ཚོགས་པ་དེར་ངོས་ལེན་མེད་པ་དང་། འཐུས་མི་ཚོགས་པ་མེད་པར་བཟོ་དགོས་པའི་བརྡ་ཐོ་བཏང་བར་བསྐྱར་དུ་མི་དམངས་ཀྱིས་ངོ་རྒོལ་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པ་འདིའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG