ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་ཨ་རུ་ན་ཅཱལ་པྲ་རྡེཤ་ནས་བཞུགས་སྒར་དུ་ཕྱིར་ཕེབས་མཛད་ཡོད་པ།


༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་སཱམ་དང་། ཨ་རུ་ན་ཅཱལ་པྲ་རྡེཤ་གཉིས་ཀྱི་ནང་བདུན་ཕྲག་གཅིག་ལྷག་ཙམ་གྱི་རིང་ཆིབས་བསྒྱུར་མཛད་དེ་གསུང་ཆོས་དང་བཀའ་སློབ་བཀྲིན་སྩལ་རྗེས་གང་ཉིད་དེ་རིང་ཚེས་༡༢་ཉིན་གུང་གི་ཕྱག་ཚོད་༡༡ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་མཛད་ཡོད་པ་དང་། ཀང་ར་གྲོང་ཁྱེར་གྱི་གྷཱ་གལ་གནམ་ཐང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སཻངྒ་དང་། སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཀྱི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།

XS
SM
MD
LG