ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མོན་རྟ་དབང་གི་ཆིབས་སྒྱུར་མཇུག་སྒྲིལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཟླ་བཞི་པའི་ཚེས་༡༠ཉིན་མོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་མོན་རྟ་དབང་ཁུལ་གྱི་ཆིབས་སྒྱུར་དང་མང་ཚོགས་ཁྲི་ལྔ་ཙམ་ལ་གསུང་ཆོས་སོགས་ཆོས་འབྲེལ་མཛད་འཆར་མཇུག་སྒྲིལ་བ་དང་མངའ་སྡེའི་ཆོས་རིག་ལས་ཁུངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཆོས་རིགས་དྲུང་ཆེ་མཆོག་གིས་མོན་པའི་མི་མང་གི་ཚབ་ཞུས་ནས་ཐེངས་དེའི་ཆིབས་སྒྱུར་ལ་ཐུགས་རྗེ་ཆེ་ཞུའི་མཇུག་སྡོམ་གསུང་བཤད་གནང་བའི་སྐབས་བོད་རྒྱལ་ཁབ་ཆེན་པོ་ཆོས་ལྡན་གྱི་ཞིང་ཁམས་དེ་ལ་རྒྱ་དམར་གྱིས་ངོ་ཚ་ཁྲེལ་མེད་ཀྱིས་ཚོར་”ཕར་”རྒོལ་བྱས་ཀྱང་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་བཞེས་རྒྱ་ཆེའི་ཐོག་ནས་བོད་དོན་སྐྱོང་བ་དེ་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། དེའི་སྐོར་ཞིབ་ཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG