ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་དེ་སྔོན་གང་ཉིད་ས་མཚམས་སུ་སྣེ་ལེན་ཞུས་གནང་མཁན་དམག་མི་དེ་མཇལ་འཕྲད་གནང་བ།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་༥༨ཀྱི་གོང་དུ་གང་ཉིད་རྒྱ་གར་གྱི་ས་མཚམས་སུ་ཐོག་མར་ཞབས་སོར་འཁོད་སྐབས་སྣེ་ལེན་ཞུས་གནང་མཁན་རྒྱ་གར་གྱི་དམག་མི་སྐུ་ཞབས་ཎ་རན་ཆན་རྡ་རཱ་དཱ་སུ་མཇལ་ཁ་ཞུ་སྐབས་༧གོང་ས་མཆོག་སྐར་ཆ་ཁ་ཤས་ཀྱི་རིང་ཐུགས་སེམས་དགའ་སྐྱོ་གཉིས་ཀའི་དབང་གིས་ཅི་ཡང་གསུང་མ་ཐུབ་པར་ལུས་གནང་བའི་རྗེས་དམག་མི་བགྲེས་སོང་དེ་འཐམ་གནང་བ་དང་། དམག་མི་དེའི་མིག་ནས་ཕྱུང་བའི་མིག་ཆུ་ཕྱིས་གནང་བ་སོགས་གནང་ཡོད་སྐོར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོཌ་ཚེ་རིང་ལགས་ཀྱིས་ཕྱོཌ་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG