ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སུད་སི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་མཇལ་འཕྲད།


བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སུད་སི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིའི་དོན་གཅོད་ཚོགས་པ་ཞིག་གིས་དེང་སང་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་གནང་གི་ཡོད་པ་ལྟར། ཚོགས་པ་དེས་གཟའ་ལྷག་པའི་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེའི་སྐབས་སུད་ཛར་ལེནྜ་གྱིས་བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་ཡོད་པར་༧གོང་ས་མཆོག་གིས་ཐུགས་རྗེ་གསུངས་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་གིས་ཇི་ནི་ཝར་བཅའ་བཞུཌ་གནང་མཁན་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལ་བཅར་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།།

XS
SM
MD
LG