ཚེས་༡༨ཉིན་ཁམས་ཉག་རོང་རྫོང་ལ་པདྨ་རྒྱལ་མཚན་ནས་རང་སྲེག་ངོ་རྒོལ་བྱས་འདུག
དེ་ཡང་སྤྱི་ཟླ་༣ཚེས་༡༨ཉིན་ཉག་རོང་ནས་ཡིན་པའི་བོད་མི་པདྨ་རྒྱལ་མཚན་ཞུ་བ་ཞིག་གིས་རང་སྲེག་ངོ་རྒོལ་བྱས་ཤིང་། སྐབས་དེར་བོད་མི་མང་པོས་མཐོང་ཡོད་པ་དང་། དེ་ནས་ཉེན་རྟོག་དམག་མི་སླེབས་ཏེ་ལམ་སེང་ཁོང་ཁྲིད་ནས་དཀར་མཛེས་རྫོང་སྨན་ཁང་དུ་ཡོད་པ་བརྗོད་མཁན་བྱུང་ཡོད་འདུག་ལ། རང་སྲེག་བྱས་པའི་སྐབས་མི་ཚོས་པར་ལེན་བྱས་ཡོད་ན་ཡང་ས་ཁུལ་དེར་ཡོད་པའི་མི་ཚང་མའི་ཁ་པར་གཞུང་བཞེས་བཏང་བ་དང་བོད་མི་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག
ལེ་ཚན།
-
སྤྱི་ཟླ་གཉིས་པ། ༡༡།༢༠༢༥བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥བཀྲས་མཐོང་དབང་བོ་ལགས།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན།
-
སྤྱི་ཟླ་དང་པོ། ༢༥།༢༠༢༥བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་་གི་་འགོ་ཁྲིད་ལ་འཕོ་འགྱུར་བཏང་བར་དཔྱད་ཞིབ།
-
སྤྱི་ཟླ་དང་པོ། ༡༥།༢༠༢༥སྙེ་མོའི་ཨ་ནེ་དང་གྱེན་ལངས་ལས་འགུལ།