ངོ་འཕྲད་བདེ་བའི་དྲ་འབྲེལ།


གཟའ་འཁོར་འདིར་ཁ་ཆེ་རྒྱལ་ཁབ་ཀྱི་དྲག་སྤྱོད་པ་ཚོས་བརྙན་འཕྲིན་ཞིག་བཀྲམ་སྟེ། ཨི་རཀ་གི་ས་ཐོག་ཏུ་དམག་སྦྱོང་བྱེད་བཞིན་པའི་ཡུ་གུར་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་རྒྱ་ནག་ལ་ཁྲག་གི་མཚོ་ཞིག་འཁྱིལ་པའི་གཏོར་རྒོལ་བྱ་རྒྱུ་ཡིན། ཚོའི་དར་ཆ་ནག་པོ་རྒྱ་ནག་གི་ས་ཐོག་ཏུ་འཛུགས་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་འདུག རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་ཉེན་ཀ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་རུང་། ད་ཐེངས་ཀྱི་སྡིགས་ར་དེ་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཀ་འབྱུང་སྲིད་པ་དང་། རྒྱ་ནག་གཞུང་གིས་སྡིགས་ར་དེར་དོགས་ཟོན་བྱ་དགོས་པ་ཞིག་ལ་འགྱུར་སྲིད། ཞིན་ཅང་གི་ཡུ་གུར་པ་ཁག་ཅིག་ཏུར་ཀི་རྒྱལ་ཁབ་དང་སི་རི་ཡ། ཨི་རཀ་བཅས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་གམ། ཡང་ན་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ལྐོག་སྐྱོད་བྱས་ཏེ། ཁོ་ཚོ་སི་རི་ཡ་དང་ཨི་རཀ་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁབ་ཀྱི་དྲག་སྤྱོད་པའི་ཁོངས་དང་། ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་གྱི་མཐའ་ཁག་ཏུ་གཞིས་ཚུགས་ཡོད་པའི་ཨལ་ཁེ་དྷ་སྒྲིག་འཛུགས་དང་ཏ་ལི་བན་དྲག་སྤྱོད་ཤོག་ཁག་གི་ཁོངས་སུ་ཞུགས་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ཁག་ཅིག་ལ་ཞུགས་ཀྱི་ཡོད་པ་རེད། །

XS
SM
MD
LG