ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་རྒྱ་གར་གྱིས་སྣེ་འཁྲིད་དགོས་པའི་བཀའ་སློབ།



རྒྱ་གར་གྱི་(NDTV) བརྙན་འཕྲིན་ཁང་གིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ འཛམ་གླིང་ཞི་བདེ་གཙོ་བོར་གྱུར་བའི་གནད་དོན་མང་པོའི་ཐད་བཀའ་འདྲི་ཞུས་ཡོད་ཅིང་ སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འཛམ་གླིང་འདི་ནི་ འགྲོ་བ་མི་ཀུན་ལ་བདག་པ་ཞིག་ཡིན་ལ་ དེ་བཞིན་ རྒྱལ་ཁབ་ཁག་ཀྱང་ རྒྱལ་ཁབ་དེ་དག་གི་མི་དམངས་ལ་དབང་བ་ཞིག་ཡིན་པས་ རྒྱལ་ཁབ་སོ་སོ་དང་ འཛམ་གླིང་སྤྱིའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་མང་ཚོགས་ཀྱི་ངོས་ནས་འགན་འཁུར་ལེན་དགོས་པ་ཡིན་ཞེས་ལམ་སྟོན་བཀའ་སློབ་བསྩལ་ཡོད་འདུག དེ་དང་ཕྱོགས་མཚུངས་ རྒྱ་གར་ནི་ ཆོས་ལུགས་འདྲ་མིན་གྱི་མི་ཚང་མ་ ཞི་མཐུན་མཉམ་ལས་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པ་འདི་ནི་ འཛམ་གླིང་ཀུན་གྱིས་མིག་དཔེ་ལྟ་འོས་པ་ཞིག་ཡིན་པས་ རྒྱ་གར་གྱི་ངོས་ནས་ཀྱང་ གནས་བབས་དེ་བེད་སྤྱོད་བྱས་ཏེ་ འཛམ་གླིང་འདིར་ཞི་བདེ་བདེ་བསྐྲུན་རྒྱུར་སྣེ་འཁྲིད་ཀྱི་འགན་འཁུར་བཞེས་དགོས་པ་ཡིན་ཞེས་ལམ་སྟོན་བཀའ་སློབ་གནང་ཡོད་པའི་སྐོར།

XS
SM
MD
LG