ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ནང་གཞུང་སྲོལ་ལོ་གསར་དགྱེས་སྟོན་དེ་བཙན་བྱོན་ནང་མུ་མཐུད་རྒྱུན་འཛིན་གནང་བཞིན་པ།


ལོ་གསར་ནི་བོད་མི་ཚོས་དུས་ཆེན་གཏོང་སྲོལ་མང་པོ་ཡོད་པའི་ཁོངས་ནས་གལ་ཆེ་ཤོས་གཅིག་ཡིན་པ་དང་། སྔར་བོད་ནང་ལོ་གསར་ཚེས་གཅིག་ཉིན་བླ་མའི་བློ་གསར་ཞེས་དེ་ཉིན་གཞུང་འབྲེལ་མཛད་སྒོ་ཕོ་བྲང་པོ་ཏ་ལའི་སྲིད་ཞིའི་ཕུན་ཚོགས་ཚོམས་ཆེན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བཀའ་བློན་རྣམ་པ་དང་མཐོ་རིམ་གཞུང་ཞབས་རྣམས་ལྷན་འཛོམས་སར་རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་ཚོས་དཔལ་ལྡན་ལྷ་མོའི་གཏོར་གསོལ་འབུལ་བའི་ཚེ་གཏོར་ཞེས་པའི་མཛད་སྒོ་གནང་ཞིང་། ཚེས་གཉིས་པ་རྒྱལ་པོའི་ལོ་གསར་ཉིན་གཞུང་ཞབས་རྩེ་བསྐོར་བཅས་ལྷན་འཛོམས་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཀྱི་སྒོ་ནས་བརྟན་བཞུགས་འབུལ་པ་དང་། གར་ཕྲུག་ཚོས་གར་གྱི་མཆོད་པ་འབུལ་བ་སོགས་གནང་སྲོལ་ཡོད། དེང་སྐབས་བཙན་བྱོལ་ནང་བཞུགས་སྒར་དུ་དེ་གཉིས་ཚེས་གཅིག་ཉིན་གཅིག་ལྕོགས་གནང་གི་ཡོད་པ་རེད།

XS
SM
MD
LG