ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞོན་སྐྱེས་དགེ་འདུན་པ་ཞིག་གིས་ཁྲོམ་གཞུང་ཐོག་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ།


བོད་ཀྱི་ཨ་མདོ་རྔ་པ་ཀིརྟི་དགོན་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ནས་ད་རིང་སྤྱི་ཟླ་༢ཚེས་༢༥ཉིན་གྱི་དགོང་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་ཁྲོམ་གཞུང་ཐོག་སྐྱོད་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག དེ་ཡང་ངོ་རྒོལ་གྱི་བརྒྱུད་རིམ་དངོས་སུ་མཐོང་མཁན་གྱི་མི་སྣས་འགྲེལ་བརྗོད་བྱས་པར་གཞིགས་ན། དགེ་འདུན་པ་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་གཉིས་ཀྱིས་བཏེག་ཅིང་། ཁྲོམ་གཞུང་ཐོག་སྐྱོད་བཞིན་ཡོད་པའི་སྐབས་དེར་ཉེན་རྟོག་པས་རྒྱུགས་སླེབས་ཏེ་ལམ་སེང་ཁོང་འཛིན་བཟུང་བྱས་ཡོད་འདུག ད་ལྟའི་འཆར་དགེ་འདུན་པ་ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད། ད་ལྟ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པའི་ཐོག་བོད་ནང་ནས་རང་སྲེག་ངོ་རྒོལ་བྱེད་མཁན་ཐོག་མ་འདི་ཡང་སྤྱི་ལོ་༢༠༠༩ལོར་རྔ་པ་ཀིརྟི་དགོན་ནས་ཡིན་ཞིང་། ཁུལ་དེར་རྒྱུན་དུ་ནས་གཞུང་ཕྱོགས་ཀྱི་དམ་བསྒྲགས་འོག་གནས་ཡོད།

XS
SM
MD
LG