ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

འབྲས་སྤུངས་ཀྱིས་ལྗང་དགུན་ཆོས་༢༧པའི་མགྲོན་བདག་གནང་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གདན་ས་ཆེན་མོ་འབྲས་སྤུངས་ཀྱིས་འདི་ལོའི་ལྗང་དགུན་ཆོས་ཀྱི་མགྲོན་བདག་གནང་ཡོད་པ་དང་། དགུན་ཆོས་༢༧པ་དེའི་ནང་འབྲས་སྤུངས་དང་། དགའ་ལྡན། སེ་ར། བཀྲིས་ལྷུན་པོ། རྭ་སྟོད། རྣམ་རྒྱལ་གྲྭ་ཚང་། བལ་ཡུལ་གྱི་ཀོ་པན་དགོན་པ་སོགས་བཙན་བྱོལ་གྱི་ཆོས་སྡེ་བཅུ་ཕྲག་གཅིག་ལྷག་ཙམ་ནས་དགེ་འདུན་པ་བཞི་སྟོང་ནས་ལྔ་སྟོང་ཙམ་མཉམ་ཞུགས་གནང་ཡོད་པ་དང་། བདུན་ཕྲག་གསུམ་གྱི་དགེ་འདུན་པའི་ལྷན་འཛོམས་དེའི་སར་དགེ་འདུན་པ་ཚོས་ཚད་མ་རྣམ་འགྲེལ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔ་ལ་རྩོད་པ་གནང་སྟེ་དགེ་འདུན་པ་ཚོས་རྩོད་པའི་ལམ་ནས་ཕན་ཚུན་ལ་སཽའི་རྣམ་དཔྱོད་བརྗེ་རེས་གནང་སྟེ། བློ་གྲོས་འཕེལ་ཐབས་གནང་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོཌ་ཚེ་རིང་ལཌ་ཀྱིས་མཁས་མང་དཔལ་འབྲས་སྤུངས་ཀྱི་དགེ་བསྐོས་དགེ་བཤེས་དམ་ཆོས་རྒྱལ་མཚན་ལཌ་ལ་བཅར་འདྲི་ཞུས་ཏེ་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།།

XS
SM
MD
LG