བོད་རང་བཙན་སློབ་ཕྲུག་ཚོགས་པས་ ལོ་ལྟར་ཕྱི་ཟླ་༢པའི་ཚེས་༡༣ཉིན་ བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་ཅིང་ འདི་ལོ་ཡང་དེ་ལྟར་ འཛམ་གླིང་གི་ས་ཁུལ་མང་པོར་སྤེལ་རྒྱུའི་འཆར་གཞི་ཡོད་འདུག ལས་འགུལ་ནང་ཞུགས་མཁན་དང་ ལས་འགུལ་ལ་དོ་སྣང་བྱེད་མཁན་ས་གནས་ཀྱི་ཡུལ་མི་གང་མང་ཡོང་ཐབས་སུ་དམིགས་ནས་ ཕྷི་རན་སིའི་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཉིན་གཅིག་སྔ་ནུར་བྱས་ཏེ་ ཕྱི་ཟླ་༢པའི་ཚེས་༡༢ རེས་གཟའ་ཉི་མའི་ཉིན་ དེ་གར་ལས་འགུལ་སྤེལ་བར་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་པའི་སྐོར་ ལས་འགུལ་གོ་སྒྲིག་གནང་མཁན་་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་དོན་གྲུབ་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།