ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྡི་ལི་བོད་ཁྱིམ་སློབ་ཕྲུག་རྣམས་ནས་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ།


རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གི་སྡོད་ཁང་དུ་ བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་ཅིང་ དེ་ཡང་ ལྡི་ལིའི་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱིས་ སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་བཞིན་ ཕྱི་ཟླ་༢པའི་ཚེས་༡༢ རེས་གཟའ་ཉི་མའི་ཉིན་ དེ་གར་ བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་བའི་ལས་རིམ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ བོད་ཀྱི་ཉིན་མོར་སྲུང་བརྩིའི་ལས་རིམ་དེ་ནི་ ལྡི་ལི་བོད་ཁྱིམ་སློབ་ཕྲུག་གི་སྡོད་ཁང་དུ་སྤེལ་བ་ཐོག་མ་དེ་ཡིན་པ་དང་ དེའི་དམིགས་ཡུལ་གཙོ་བོ་ནི་ རྒྱ་གར་གྱི་སློབ་ཕྲུག་རྣམས་དང་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་རྒྱུན་འཛིན་བྱས་པ་བརྒྱུད་ནས་ བོད་ཀྱི་གནས་སྟངས་བརྒྱུད་བསྒྲགས་བྱ་རྒྱུར་དམིགས་པ་ཞིག་ཡིན་པའི་སྐོར་ འདི་གའི་གསར་འགྱུར་མཁོ་གཏོང་བ་ ཚེ་རིང་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG