ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་རླུང་འཕྲིན་ཁང་བཙུགས་ནས་ལོ་ངོ་༧༥འཁོར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དམག་ཆེན་གཉིས་པའི་ནང་ཨ་མི་རི་ཀའི་གཞུང་གིས་དངོས་སུ་མཉམ་ཞུགས་བྱས་ཏེ་གཟའ་འཁོར་བདུན་ཙམ་ཞིག་སོང་བའི་རྗེས་སྤྱི་ལོ་༡༩༤༢ལོའི་ཟླ་༢ ཚེས་༡ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རླུང་འཕྲིན་ལས་ཁང་ཆུང་ངུ་ཞིག་བཙུགས་ཏེ་དུས་ཡུན་སྐར་མ་༡༥ཡི་གསར་འགྱུར་ཞིག་འཇར་མན་ལ་ཐོག་མ་རྒྱང་བསྲིངས་བྱས་པ་ནས་འགོ་འཛུགས་བྱུང་བ་ཞིག་རེད། ད་ཆ་ཨ་རིའི་རླུང་འཕྲིན་ཁང་འདི་བཙུགས་ནས་ལོ་ངོ་༧༥འཁོར་གྱི་ཡོད་པ་དང་། དེང་སྐབས་ཨ་རིའི་རླུང་འཕྲིན་ཁང་ནས་སྐད་རིགས་འདྲ་མིན་དང་བརྒྱུད་ལམ་སྣ་ཚོགས་ཐོག་ནས་འཛམ་གླིང་ས་ཕྱོགས་གང་སར་དྲང་བདེན་ངང་གསར་འགྱུར་རྒྱང་སྲིང་ཞུ་བཞིན་ཡོད་པ་མ་ཟད། སྤྱི་ལོ་༡༩༩༡ལོར་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་འདི་དབུ་བཙུགས་ཞུས་པ་ནས་བོད་ཕྱི་ནང་གི་བོད་པའི་སྤྱི་ཚོགས་སུ་གསར་འགྱུར་དང་ལས་རིམ་འདྲ་མིན་རྒྱང་སྲིང་ཞུ་བཞིན་ཡོད་པའི་སྐོར་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG