ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཇེ་ནི་ཝའི་ནང་རྒྱལ་སྤྱིར་བོད་དོན་ཞུ་གཏུག་དང་ཐབས་ཇུས་ཀྱི་ཚོགས་འདུ་ཚོགས་པ།


སུད་སི་གྲོང་ཁྱེར་ཇེ་ནི་ཝའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཡོད་པ་དེར་རྒྱབ་སྐྱོར་ཤུགས་ཆེ་བ་ཡོང་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཐབས་ཇུས་ཚོགས་འདུ་དང་ཟབ་སྦྱོང་གནང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གིས་ཕྱི་དྲིལ་དྲུང་ཆེ་ཟླ་སྒྲོན་ཤར་གླིང་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG