དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་བ་བསྩལ་བཞིན་པ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱམས་མགོན་ཆེན་པོ་མཆོག་གིས་དབང་ཆེན་གྱི་ཉིན་གསུམ་པའི་ཉིན་སྟེ་རེས་གཟའ་ཕུར་བུའི་ཉིན་བྱིས་པ་དང་འཇུག་པའི་དབང་བདུན་ཆ་ཚང་ལེགས་པར་གྲུབ་ཡོད་པའི་སྐོར་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ་བའི་གནས་ཚུལ་ཞིག་གསན་གྱི་རེད།