ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དམག་གི་གནམ་གྲུ་དབོར་འདྲེན་གྲུ་གཟེངས་ཆེ་ཤོས་ལེའུ་ཉིང་རྟགས་ཅན་གཅིག་གིས་གཙོ་བོ་བྱས་པའི་དམག་གི་གྲུ་གཟེངས་རུ་ཁག་ཞིག་ཐའེ་ཝན་མཚོ་གླིང་གི་ས་ཐིག་ཁུལ་དུ་སླེབས་ཡོད་པས་ཐའེ་ཝན་གྱིས་དམག་གི་གནམ་གྲུ་དང་མཚོ་གྲུ་གཟེངས་སོགས་བཏང་ནས་འདི་ཁུལ་དུ་སྐོར་གཡེང་བྱེད་བཞིན་ཡོད་པས་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་པའི་རྣམ་པ་དངོས་སུ་འཐོན་གྱི་ཡོད་པ་དང་རྒྱ་ནག་གི་དམག་གྲུའི་རུ་ཁག་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་རྗེས་ཕྱིར་ལོག་བྱེད་མཁན་ཡིན་ནའང་ཆེད་མངགས་ཐའེ་ཝན་གྱི་མཚོ་གླིང་ཁུལ་དུ་ཕྱིན་པ་དེ་ནི་ཐའེ་ཝན་ལ་སྡིག་སྐུལ་ཆེད་དུ་ཡིན་པ་དབྱེ་ཞིབ་པས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG