ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་ས་གནས་འགོ་ཁྲིད་གཉིས་གནས་དབྱུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་རང་སྐྱོང་ལྗོངས། ཧོ་ཏན་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཅིན་བིའོ་ཡིས་སྒྲིག་ཁྲིམས་ལ་འགལ་འཛོལ་ཚབས་ཆེན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཏེ། ད་ལྟ་ལོ་ན་༥༣་ལ་སོན་པའི་ཀྲང་ཅིན་བིའོ་ལ་ལྐོག་ཟ་དང་ལས་འགན་འཐུས་ཤོར་བཏང་བའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་པ་མ་ཟད། ཞིན་ཅང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཁ་ར་ཁ་ཤི་རྫོང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཧེ་ཅུན་གྱིས་ཀྱང་ལས་འགན་འཐུས་ཤོར་དང་སྒྲིག་ཁྲིམས་ལ་འགལ་འཛོལ་ཚབས་ཆེན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག་ཅིང་། རྒྱ་ནག་གཞུང་གིས་ཧོ་ཏན་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཁ་ར་ཁ་ཤི་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཉིས་ཀྱིས་ལས་འགན་འཐུས་ཤོར་ཅི་ཞིག་བཏང་མིན་དང་། ཁོ་ཚོས་སྒྲིག་ཁྲིམས་ལ་འགལ་འཛོལ་ཇི་ལྟར་བྱས་ཡོད་མེད་ཀྱི་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་མོད། འོན་ཀྱང་ཉེ་ཆར་ཧོ་ཏན་ས་ཁུལ་གྱི་ཁ་ར་ཁ་ཤི་རྫོང་གི་དམར་ཤོག་ཚོགས་པའི་ལས་ཁུངས་ལ་རླངས་འཁོར་ཞིག་གིས་རྡུང་ག་བརྒྱབ་སྟེ། རྡུང་ག་རྒྱག་མཁན་མི་གསུམ་ཚུད་པའི་མི་ལྔ་ལ་སྲོག་སྐྱོན་དང་མི་ཁག་ཅིག་ལ་རྨས་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁ་ར་ཁ་ཤི་རྫོང་གི་དམར་ཤོག་ཚོགས་པའི་ལས་ཁུངས་ལ་གཏོར་རྒོལ་ཕོག་པ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་ཡིན་ཞེས་ཁྱབ་བསྒྲགས་ཡོད་པ་རེད།

XS
SM
MD
LG