ངོ་འཕྲད་བདེ་བའི་དྲ་འབྲེལ།

༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་སློབ་མ་རྗེས་འཛིན་སྐབས་བཀའ་སློབ་སྩལ་བ།


༢༠༡༧ལོའི་ཕྱི་ཟླ་དང་པོའི་ཚེས་༢ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤པའི་སྔོན་འགྲོའི་སློབ་མ་རྗེས་འཛིན་དབུ་འཛུགས་དང་བཀའ་སློབ་སྩལ་ཡོད་པ། དེ་རིང་ཞོགས་པ་མགོན་པོ་གང་ཉིད་རྡོ་རྗེ་གདན་དུ་ཡོད་པའི་དགའ་ལྡན་འཕེལ་རྒྱས་གླིང་བཞུགས་གནས་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་དུས་འཁོར་དབང་ཆེན་ཆོས་རར་གདན་ཞུས་ཀྱིས་དུས་འཁོར་ལྷ་ཁང་ནང་སྒྲུབ་བཞག་སྔོན་དུ་མཛད་གྲུབ་མཚམས། བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་དེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྔོན་འགྲོའི་སློབ་མ་རྗེས་འཛིན་དབུ་འཛུགས་མ་བསྐྱངས་གོང་དད་ལྡན་ཆོས་ཞུ་བ་ཆིག་འབུམ་བརྒལ་བར་རྡོ་རྗེ་གདན་ནི་ལོ་སྟོང་ཕྲག་གཉིས་ལྷག་སངས་རྒྱས་པའི་ཆོས་གནས་སའི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད་པ་སོགས་བཀའ་སྩལ་ཡོད་པ་རེད།

XS
SM
MD
LG