ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གཞུང་གིས་ཚེ་མགོན་རྒྱལ་ལ་ཉེས་འཛུགས་དང་ཁོང་ནས་ངག་བཅད་ངོ་རྒོལ།


བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་ཟླ་༡༢པའི་ཚེས་༢༩ཉིན་མོ་གནས་ཚུལ་སྤེལ་གསལ་བྱས་ན་ཉེ་འཆར་ཕྱི་ཟླ་༡༢པའི་ཚེས་ ༩ ཉིན་རྒྱ་ནག་གཞུང་གི་ཨམ་མདོ་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་བདེ་འཇག་ལས་ཁུངས་ཟེར་བས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་མདའ་བཞི་ས་ཁུལ་ནང་ནས་བསྐྱར་དུ་འཛིན་བཟུང་བྱས་པའི་རྗེས་སུ་ཕྱི་ཚེས་༢༤ ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ཏུ་རྐང་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ནག་ཉེས་འོག་བཀག་ཉར་བྱས་པ་ཡིན་ཚུལ་ནང་མིར་བརྡ་ལན་བཏང་ཡོད་པ་དང་ཡང་ཚེ་མགོན་རྒྱལ་ལགས་ཀྱིས་བདེ་འཇག་མི་སྣའི་འདྲི་བརྩད་ལ་ཡ་ལན་མ་སྤྲད་པར་ངག་བཅད་ཀྱི་ཐོག་ནས་ངོ་རྒོལ་གནང་འགོ་འགོ་བཙུགས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG