ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་བ་ཞིག་གིས་བོད་དོན་དྲིལ་བསྒྲཊ་ཆེད་རྐང་འཁོར་སྐོར་སྐྱོད་བྱས་ཡོད་པ།


འདས་པའི་ལོ་ངོ་༤༠ཙམ་རིང་བོད་དང་བོད་མིའི་གནས་སྟངས་ལ་སེམས་འཁུར་ཆེན་པོའི་ཐོག་ནས་རྒྱ་གར་གྱི་མི་དམངས་ཚོར་བོད་ཀྱི་བདེན་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་མཁན་སྐུ་ཞབས་མི་ཤྲི་ར་ཞུ་བ་ཁོང་གིས་སླར་ཡང་སྒེར་གྱི་འགྲོ་གྲོན་དང་དུས་ཚོད་བཏང་ཏེ་སྟེ་ཁོང་བཞུགས་ཡུལ་གྲོང་ཁྱེར་ནག་པུར་ནས་ གནས་མཆོག་རྡོ་རྗེ་གདན་བར་སྤྱི་ལེ་༡༢༠༠ཙམ་ཞིག་རྐང་འཁོར་སྐོར་བཏང་ནས་རྒྱ་གར་གྱི་མི་དམངས་ཚོར་བོད་དོན་ངོ་སྤྲོད་གནང་ཡོད་པ་མ་ཟད། དུས་འཁོར་དབང་ཆེན་སྐབས་སུ་ཁོང་གིས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ནང་ཧིན་སྐད་ཐོག་དྲིལ་བསྒྲགས་གནང་གི་ཡོད་པའི་སྐོར་ཁོང་དང་བྷན་རྡ་ར་བོད་མིའི་གཞིས་སྒར་ནང་ཡོད་པའི་སྐུ་ཞབས་བློ་བཟང་བསྟན་པ་ལགས་གཉིས་ལ་གནས་འདྲི་ཞུས་པ་གསན་རོགས་གནང་།

XS
SM
MD
LG