བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་དབྱིན་ཡུལ་ཝ་སེ་མན་ནི་སེ་གྲ་གཙུག་ལག་སློབ་གྲྭ་ཆེན་མོའི་དམངས་གཙོ་ལྟེ་གནས་ཁང་གཉིས་ཟུང་འབྲེལ་ཐོག་རྒྱ་ནག་དང་བོད། ཧི་མ་ལ་ཡ་ཞེས་པའི་བརྗོད་གཞིའི་ཐོག་བཞུགས་སྒར་རྡ་རམ་ས་ལར་མཁས་པའི་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པའི་སྐོར་བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།