ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་མཚོ་དམག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་སྐྱོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཀྱིས་ཁ་པར་ནང་དུ་ཐད་ཀར་བཀའ་མོལ་གནང་བ་དང་། དེ་ནས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་སྔར་བཞིན་ཁས་ལེན་བྱ་དགོས་དོན་མེད་ཅེས་གཏམ་བཤད་ནས་བཟུང་། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་སྡུག་ཏུ་སོང་ཞིང་། གཟའ་འཁོར་གཉིས་ཀྱི་གོང་དུ་རྒྱ་ནག་གི་རྡུལ་ཕྲན་འབར་མདེལ་འཁྱེར་པའི་གནམ་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་འཕུར་སྐྱོད་བྱས་པ་དང་། ད་ལྟ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་དང་དམག་གྲུ་ལྔ་ཐེ་ཝན་མཚོ་འགག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་སྐྱོད་ལ་སོང་ཡོད་པ་རེད།

XS
SM
MD
LG