ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མདོ་ཟ་ཁང་གི་མོག་མོག


ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་ཨ་མདོ་ཟ་ཁང་ལ་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཕེབས་ནས་མོག་མོག་བཞེས་ཡོད་པ་དང་། དེ་བཞིན་ཨ་རིའི་ཡེ་ལབ་ཅེས་པའི་དྲ་ཚིགས་སུའང་ལོ་གསུམ་བསྟུད་མར་སྐར་མ་ལྔ་ཅན་གྱི་ཆེ་བསྟོད་བྱས་པའི་དབང་གིས་ཟ་ཁང་འདིའི་མོག་མོག་ལ་གྲོང་ཁྱེར་གྱི་མི་མང་གྲས་སུ་སྐད་གྲགས་ཆེན་པོ་ཡོད་ཅིང་། ཨ་མཆོག་ཐུབ་བསྟན་ལགས་ཀྱིས་ནེའུ་ཡོག་གྲོང་ཁྱེར་དུ་གཉེར་བཞིན་པའི་ཨ་མདོ་ཟ་ཁང་གིས་གྲོང་ཁྱེར་གྱི་མི་མང་ལ་བོད་ཟས་མོག་མོག་ཚོང་འགྲེམ་གནང་བཞིན་ཡོད་པ་དང། ཟ་ཁང་འདི་གྲོང་ཁྱེར་གྱི་ཟ་ཁང་གཞན་དང་མ་འདྲ་བར་དོ་སྐྱེལ་རླངས་འཁོར་ཐོག་ཏུ་མོག་མོག་ཚོང་བཞིན་ཡོད་པས་བོད་པ་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་ཨེ་ཤེ་ཡའི་མི་རིགས་འདྲ་མིན་ཞིག་འཁོར་སའི་ཁྲོམ་ས་ཞིག་ཏུ་གྱུར་འདུག

XS
SM
MD
LG