ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སའོ་ཏོ་མེའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་འགོ་ཁྲིད་ཚོས་རྒྱ་ནག་གིས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་སའོ་ཏོ་མེ་དང་ཕེ་རཱིན་སི་པེ་རྒྱལ་ཁབ་ལ་དཔལ་འབྱོར་རོགས་རམ་སྤྲད་དེ། སའོ་ཏོ་མེ་གཉིས་ཐེ་ཝན་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ཡོད་པ་གཅོད་དུ་བཅུག་སོང་། རྒྱ་ནག་གི་བྱ་སྤྱོད་དེས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་མི་ཐུབ་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཌེ་ཝྭི་ཌི་ལིས་ང་ཚོས་དངུལ་སྒོར་སྤྲད་ནས་ཕྱི་འབྲེལ་ཉོ་ཐབས་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་སའོ་ཏོ་མེ་གཞུང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་གོ་སྐབས་བཟུང་སྟེ། ཁོ་ཚོས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པར་སའོ་ཏོ་མེ་དང་ཐེ་ཝན་གྱི་ཕྱི་འབྲེལ་ལ་གཏོར་བརླག་བྱས་པ་དང་། རྒྱ་ནག་གཞུང་གིས་དངུལ་སྒོར་ཕྱི་འབྲེལ་ཉོ་བའི་ཐབས་ཇུས་ལག་ལེན་མི་བསྟར་པའི་རེ་བ་ཡོད། ཐབས་ཇུས་འདིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བར་དགེ་མཚན་མེད། དེང་སྐབས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༢༡་ཡོད། ཟླ་བ་རྗེས་མར་སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧོན་རྡུ་ར་སི་དང་གོ་ཊ་མ་ལ། ཨལ་ས་ཝ་རྡོར་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་དང་། ཐེ་ཝན་གཞུང་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྲ་བརྟན་འཛིན་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་བློན་ཆེན་རྣམས་ཛ་དྲག་ཚོགས་འདུ་སྐོང་སྟེ། ཁོང་གིས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་སའོ་ཏོ་མེ་དང་ཕེ་རཱིན་སི་པེ་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ་འགྲེལ་བཤད་བརྒྱབ་པ་དང་། ཁོང་གིས་ཕྱི་འབྲེལ་ནི་ཐོབ་ཤོར་གྱི་འགྲན་རྩོད་ཅིག་མིན་ཞེས་ནན་བརྗོད་འདུག

XS
SM
MD
LG