ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་མདོ་རྔ་པའི་ན་གཞོན་ཞིག་གིས་སྐད་འབོད་ཞི་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཚེས་༡༦་ཉིན་ཨ་མདོ་རྔ་པའི་བོད་པ་ན་གཞོན་པ་བསྟན་པ་ཞེས་པ་ཞིག་གིས་ཁྲོམ་གཞུང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་བོད་ཀྱི་རྒྱལ་དར་ཞིག་གི་དཀྱིལ་དུ་༧གོང་ས་མཆོག་གི་སྐུ་པར་ཡོད་པ་འཕྱར་ནས་ཁྲོམ་སྐོར་བྱས་ཡོད་ཅིང་། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཚོས་འཕྲལ་དུ་བསྟན་པ་འཛིན་བཟུང་བྱས་ནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། དེ་རིང་ཕྱི་ཚེས་༢༠་བར་དུ་ཞི་རྒོལ་བ་བསྟན་པའི་བརྙན་པར་སོགས་ཀྱང་ཕྱི་ལ་ཐོན་ཐུབ་མེད་པའི་སྐོར།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG