ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་འོས་བསྡུའི་ནང་ར་ཤི་ཡས་ཐེ་བྱུས་བྱས་སྲིད་པར་གྲོས་ཚོགས་ཀྱིས་ཞིབ་དཔྱོད་འགོ་འཛུགས།


ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ར་ཤི་ཡའི་སོ་སྨྱུལ་བ་ཚོས་སིམ་འཛུལ་བྱས་ཏེ། གནས་ཚུལ་རྐུ་འཁྱེར་བྱས་པའི་གནད་དོན་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཞིབ་དཔྱོད་ཀྱི་ལས་དོན་འགོ་འཛུགས་གནང་འདུག་པ་དང་། ར་ཤི་ཡས་ཨ་རིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ལ་ཐེ་བྱུས་བྱས་ཡོད་པ་དེས་སྐུ་ཞབས་ཌོ་ནལྜ་ ཀྲམ་སྲིད་འཛིན་ལ་འོས་འདེམས་ཡོང་རྒྱུར་གཞོགས་འདེགས་བྱས་ཡོད་པར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། སྲིད་འཛིན་ཨོ་བ་མས་ཀྱང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བཏོན་པའི་གནས་ཚུལ་ལ་བསྐྱར་ཞིབ་བྱེད་དགོས་པའི་བཀའ་ཁྱབ་གནང་ཡོད་པ་དང་། ཨ་རིིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀྱིས་གནད་དོན་དེར་ཞིབ་དཔྱོད་གནང་རྒྱུའི་ཐག་གཅོད་བྱུང་བ་དེར་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཌོ་ནལྜ་ ཀྲམ་གྱིས་དབུས་གསང་བའི་ལས་ཁུངས་ཀྱི་ཞིབ་དཔྱོད་བྱས་པ་དེའི་ནང་ར་ཤི་ཡས་གློག་རྡུལ་དྲ་རྒྱར་སིམ་འཛུལ་བྱས་ནས་ཁོང་ལ་རྒྱལ་ཁབ་ཐོབ་པ་རེད་ཅེས་བཤད་པ་་དེ་ནི་དགོད་དྲོ་བའི་གཏམ་ཞིག་རེད་ཅེས་གསུངས་ཡོད་པ་མ་ཟད། ཁོང་གིས་རེས་གཟའ་ཟླ་བའི་ཉིན་མུ་མཐུད་དབུས་གསང་བའི་ལས་ཁུངས་དང་གསང་བའི་མི་སྣ་ཚོར་སྐྱོན་བརྗོད་གནང་ཡོད་པ་རེད།

XS
SM
MD
LG