ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན་ཕྱི་ཟླ་༡༢་ཚེས་༨་ཉིན་རྨ་ཆུ་རྫོང་དུ་རང་ལུས་མེར་སྲེག་གཏོང་མཁན་དེའི་མིང་ལ་བཀྲ་ཤིས་རབ་བརྟན་དང་ལོ་ན་༣༠་ནས་ནས་༤༠་ཡས་མས། བུ་ཕྲུག་གཉིས་ཀྱི་ཨ་ཕ་ཡིན་འདུག ཁོང་གི་སྐྱེས་ཡུལ་ནི་མདོ་སྨད་ཁྲོ་ཁོ་སྨད་མའི་དབའ་ཤུལ་སྡེ་པ་ཡིན་ཞིང་། ༢༠༡༢་ལོར་རང་ལུས་མེར་སྲེག་གཏོང་མཁན་སློབ་ཕྲུག་འདས་པོ་ཚེ་རིང་སྐྱིད་དང་བཀྲ་ཤིས་རབ་བརྟན་གྱི་ཨ་ཕ་གཉིས་ཕུ་ནུ་ཡིན་པ་མ་ཟད། ཁ་སང་གི་མེར་སྲེག་སྐབས་སུ་བཀྲ་ཤིས་རབ་བརྟན་གྱི་ལུས་པོ་ཕལ་ཆེ་བ་འཚིག་ནས་འདས་གྲོངས་སུ་གྱུར་རུང་ཕུང་པོ་ཉེན་རྟོག་པས་འཁྱེར་ཏེ་ནང་མི་ཚོར་རྩིས་སྤྲོད་བྱས་མེད་ཅིང་། རང་སྲེག་པ་བཀྲ་ཤིས་རབ་བརྟན་སྔོན་གྲྭ་བ་ཡིན་པ་དང་ཕྱིས་སུ་སྐྱ་སར་བབབ་འདུག འདས་པོ་དེས་ཉི་མ་རེ་ཟུང་གོང་དུ་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་ང་སློབ་གྲྭར་གང་འཚམས་ཤིག་འགྲིམས་མྱོང་ཡོད། ད་ལྟ་ཁྱིམ་ཚང་སྐྱོང་ནས་བུ་ཕྲུག་གཉིས་ཡོད་ཅེས་ཚོགས་མི་ཚོར་ཁ་བརྡ་བྱས་ཡོད་ཚུལ་དང་། ད་ལྟ་གསར་དུ་གནས་ཚུལ་ཐོན་པར་གཞིགས་ན་བཀྲ་ཤིས་རབ་བརྟན་གྱི་བཟའ་ཟླ་དང་བུ་ཕྲུག་ཚོས་ཉེན་རྟོག་ཁང་གི་སྒོ་མདུན་དུ་འདས་པོའི་ཕུང་པོ་རྩིས་སྤྲོད་བྱ་དགོས་ཞེས་འདུན་བཏོན་ཏེ་བཀག་ཉར་བྱས་ཡོད་ཚུལ་ཐོན་རུང་། ཁོང་ཚོ་ད་དུང་གློད་གྲོལ་བཏང་ཡོད་མེད་གསལ་བོ་མེད་པ་དང་། ཨ་རིའི་རླུང་འཕྲིན་ཁང་གིས་མུ་མཐུད་དུ་གནས་ཚུལ་འདིའི་རིགས་ལ་རྩད་གཅོད་བྱས་ནས་གནས་ཚུལ་གསར་པ་ཁ་གསལ་བྱུང་མཚམས་སུ་དུས་ཐོག་ཏུ་རྒྱང་སྲིང་ཞུ་རྒྱུ་ཡིན། །

XS
SM
MD
LG