ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། རེས་གཟའ་ཕུར་བུ་དང་སྤྱི་ཟླ་༡༢ ཚེས། ༠༨ ཉིན་བོད་ནང་གི་དགོངས་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཁོངས་སུ་ཡོད་པའི་མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་སྲེག་ངོ་རྒོལ་བྱས་ཤིང་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་ཞེས་སྐད་འབད་ཀྱང་བྱས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་དྲ་ལམ་ཐོག་རང་སྲེག་ངོ་རྒོལ་བྱེད་བཞིན་པའི་བརྙན་པར་ཁག་ཅིག་ཐོན་ཡོད་པ་ལས་ཁོང་གི་མིང་དང་ཕོ་མོ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་མེད་པ་རེད། རང་སྲེག་བྱས་ནས་གང་ཙམ་སོང་བའི་རྗེས་ས་གནས་ཀྱི་ཉེན་རྟོག་པ་སླེབས་ཏེ་ཁོང་སྣུམ་འཁོར་ནང་དབོར་ཡོད་པས། ཉེ་ཁོར་མི་སྣས་བརྗོད་པར་གཞིགས་ན་འདས་གྲོངས་སུ་ཕྱིན་ཡོད་འདུག་ཅེས་དང་། ཡིན་ནའི་འཆི་གསོན་གྱི་གནས་ཚུལ་ཁ་གསལ་མི་འདུག

XS
SM
MD
LG