ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷོ་ཀོ་རི་ཡའི་སྲིད་འཛིན་ནས་ཆ་རྐྱེན་འདོན་པའི་ཐོག་ནས་དགོངས་ཞུ་གནང་རྒྱུ་གསུང་ཡོད།



ལྷོ་ཀོ་རི་ཡིའི་སྲིད་འཛིན་ལྕམ་ཕག་གྷན་ཧི་ཡིས་གཟའ་མིག་དམར་ཉིན་མོ་རྒྱལ་ཡོངས་སུ་བརྙན་འཕྲིན་ཐོག་ལ་གསུང་བཤད་གནང་ཏེ་ སྲིད་འཛིན་ལས་ཐོག་ནས་ཕྱིར་འཐེན་དགོས་མིན་དེ་གྲོས་ཚོགས་ཀྱི་ཐག་གཅོད་ལ་གསན་འཇོག་ཞུ་ཡི་ཡིན་ཞེས་སྔོན་འགྲོའི་ཆ་རྐྱེན་གསུང་པའི་ཐོག་ནས་སྲིད་འཛིན་ལས་ཐོག་ནས་དགོངས་ཞུ་གནང་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། ཡིན་ནའང་ཕྱོགས་འགལ་སྲིད་དོན་ཚོགས་པས་སྲིད་འཛིན་ཕག་གྷན་ཧི་ནས་རྒྱལ་ཡོངས་སུ་གསུང་བཤད་གནང་བའི་ཐོག་ནས་མཐའ་མའི་ཐག་གཅོད་གྲོས་ཚོགས་ལ་འབུལ་རྒྱུའི་འགྲེལ་བརྗོད་གནང་ཕྱོགས་དེ་ཚོ་ནི་ངན་བྱུས་ཀྱི་སྲིད་ཇུས་ཤིག་དང་ཁྲིམས་ལ་སྦྱོར་རྒྱུ་དུས་འགྱངས་ཆེད་དུ་རེད་ཅེས་སྐྱོན་བརྗོད་ཞུས་པ་མ་ཟད་ཁྲིམས་ལ་སྦྱོར་རྒྱུའི་འབད་བརྩོན་མུ་མཐུད་དེ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།

XS
SM
MD
LG