ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་བྷེ་དང་ཞིས་ཅིན་ཕིང་གི་དུས་ཡུན་སྐར་མ་བཅུའི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་མཇུག་དེར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕུ་རུ་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་དེའི་ལོ་འཁོར་ཚོགས་ཆེན་ཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་ཞོར་དུ་ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེ་དང་རྒྱ་ནག་གི་སྲིད་འཛིན་སྲིད་འཛིན་ཞིས་ཅིན་ཕིང་གཉིས་དུས་ཡུན་སྐར་མ་བཅུ་ལས་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོང་ཚོ་རྒྱ་ནག་དང་ཉི་ཧོང་གིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཕྱོགས་གཉིས་ལ་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་རྩོད་གླེང་ཡོད་པ་རྣམས་འོས་འཚམས་ཀྱི་སྒོ་ནས་ཐག་གཅོད་བྱ་དགོས་པའི་གྲོས་མཐུན་བྱུང་འདུག

XS
SM
MD
LG