ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་གཟའ་ཟླ་བ་འདི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ལས་འགུལ་སྤེལ་པའི་ཉིན་མཐའ་མ་དེ་ཡིན་པ་དང་། སྲིད་འཛིན་འོས་མི་གཉིས་ཀས་འོས་འདེམས་ཀྱི་ལས་འགུལ་སྤེལ་པའི་ཉིན་མཐའ་མ་དེར་རང་ལ་འོས་ཤོག་འཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་མངའ་སྡེ་ཁག་དམིགས་སུ་བཀར་ཏེ། སྲིད་འཛིན་འོས་མི་གཉིས་ཀྱིས་རང་ལ་༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་ཐབས་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཧི་ལ་རི་ཁེ་ལིན་ཊོན་དང་སྲིད་འཛིན་ཟུར་པ་བྷིལ་ཁེ་ལིན་ཊོན། སྲིད་འཛིན་ཨོ་བྷ་མ་དང་ལྕམ་ཨོ་བྷ་མ་རྣམས་ཨ་མི་རི་ཀའི་མི་ཤཱི་གྷན་དང་བྱང་ཀེ་རོ་ལེ་ན། ཕན་སིལ་ཝྭེ་ཎི་ཡ་བཅས་ལ་ས་ཆ་ཁག་བགོ་བྱས་ནས་མི་དམངས་སྐུལ་སློང་གི་འོས་འདེམས་ལས་འགུལ་སྤེལ་དུ་ཕེབས་ཡོད་པ་དང་། གཟའ་ཉི་མ་དེར་ཌོ་ནལ་ཊམ་གྱིས་ཧྥུ་ལོ་རི་ཌ་དང་བྱང་ཀེ་རོ་ལེ་ན། ཕན་སིལ་ཝྭེ་ཎི་ཡ་དང་ཎིའུ་ཧམ་ཕེ་ཤ་ཡར་བཅས་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་རིང་གཟའ་ཟླ་བའི་ཉིན་ཌོ་ནལ་ཊམ་ཨ་མི་རི་ཀའི་ཝྭིར་ཇི་ཎི་ཡ་མངའ་སྡེར་ཕེབས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG