ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་ལ་རྒྱ་ནག་གི་སྲོག་ཤིང་གི་འགོ་ཁྲིད་ཀྱི་མཚན་གནས་ཐོབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་ཉི་མ་༤་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༦་པ་པེ་ཅིང་ལ་ཚོགས་ཤིང་། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་མཇུག་བསྒྲིལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ལྐོག་ཟ་རུལ་སུངས་དང་དྲང་སྙོམས་མེད་པ། སྤྲེལ་ལད་འཁྲབ་པ་དང་དབང་ཆ་བེད་སྤྱོད་ལོག་པ་ཚད་མེད་གཏོང་བ་བཅས་ལ་བཀག་སྡོམ་ནན་པོ་བྱ་རྒྱུ། ཞིས་ཅིན་ཕིང་ལ་རྒྱ་ནག་གི་སྲོག་ཤིང་འགོ་ཁྲིད་ཀྱི་མཚན་གནས་ཕུལ་བ་དང་། ཏིང་ཤའོ་ཕིང་གིས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་མཉམ་འབྲེལ་ཐོག་ཏུ་རྒྱལ་ཁབ་འཛིན་སྐྱོང་བྱ་དགོས་པའི་ལམ་སྲོལ་ཞིག་གཏད་པ་བསྡུ་གསོག་བརྒྱབ་སྟེ། ད་ལྟ་སླར་ཡང་རྒྱ་ནག་མའོ་ཙེ་ཏུང་གིས་སྲིད་དབང་དམ་པོ་བཟུང་དུས་སྐབས་དེར་ཕྱིར་སློག་བྱ་སྲིད་པའི་རྣམ་པ་ཞིག་ཐོན་པ་དང་། ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་ཚོགས་ཆེན་ཐོག་ཏུའང་ཞིས་ཅིན་ཕིང་ལ་རྗེས་འཛིན་པ་ཞིག་བསྐོ་བཞག་བྱ་འཆར་ཡོད་མེད་ཀྱང་ངེས་གཏན་མེད་པར་གྱུར་ཡོད་པ་རེད།།

XS
SM
MD
LG